Go offline with the Player FM app!
སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད།
Manage episode 479779146 series 119617
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་ཨ་རིའི་གྲོས་ཚོགས་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་མཇལ་འཕྲད་ཀྱིས་བོད་དོན་འཐབ་རྩོད་དེ་ཨ་རིའི་མངོན་འདོད་དང་འབྲེལ་བ་ཡོད་པ་བསྐྱར་ནན་གནང་འདུག དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༢༦ ནས་ཟླ་ ༦ ཚེས་ ༨ བར་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཉི་འོང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པའི་ཁྲོད། བོད་མིའི་སྒྲིག་འཛུགས་ཀྱི་ངོ་དེབ་ཐོག་སྤེལ་བའི་གནས་ཚུལ་ནང་གནས་ལྟར་ན། ཐོག་མ་ཨ་རིར་ཆེད་ཕེབས་ཀྱིས། འདི་ཚེས་ ༢༨ སྟེ། ཁ་སང་ཡུལ་དེ་གའི་མང་གཙོ་ཚོགས་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ Jacky Rosen ཇེ་ཀི་རོ་སེན་ལགས་དང་མཇལ་འཕྲད་ཀྱིས། ལྕམ་སྐུ་ཁོང་ནས་དེ་སྔོན་རྒྱ་ནག་གིས་བོད་ཀྱི་ཆུ་བོའི་ཐོག་དོ་དོམ་བྱ་ཐབས་ཀྱི་འཐབ་བྱུས་ལ་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་བ་དང་། བོད་དོན་ལ་གཡོ་མེད་ཀྱི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། བོད་མིའི་དྲང་བདེན་དང་རང་སྐྱོང་གི་འཐབ་རྩོད་དེ་ནི་ཨ་རིའི་རིན་ཐང་དང་། ས་བབ་ཆབ་སྲིད་ཀྱི་མངོན་འདོད་ལ་འབྲེལ་བ་གཏིང་ཟབ་ཡོད་པ་ཅེས་བསྐྱར་ནན་གནང་འདུག དེ་བཞིན་ཉིན་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Young Kim ཡོང་ཀིམ་ལགས་དང་མཇལ་འཕྲད་ཀྱིས། བོད་དོན་གླེང་སློང་དང་འབྲེལ། གྲོས་ཚོགས་འཐུས་མི་ཁོང་རྣམ་པ་གཉིས་ལ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་འདོན་སྤེལ་གནང་བའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བོད་མིའི་མགྲིན་ཚབ་ Voice for the Voiceless ཞེས་པའི་ཕྱག་དེབ་འབུལ་བཞེས་གནང་འདུག ལྕམ་ Young Kim ཡོང་ཀིམ་ནི། བོད་དོན་ཐོག་རྒྱུན་མཐུད་རྒྱབ་སྐྱོར་གསལ་སྟོན་གནང་མཁན་ཞིག་ཡིན་ཞིང་། ལྷག་པར་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་འདོན་ཐབས་གནང་མཁན་གཙོ་གྲས་ཤིག་ཡིན་པ་རེད། ཕྱོགས་མཚུངས་སྲིད་སྐྱོང་མཆོག་ནས་ཐེངས་འདིའི་ཨ་རིར་ཕྱོགས་ཕེབས་ཁྲོད། ཐོག་དང་པོ་ཨ་རིའི་ National Endowment for Democracy རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གི་འགན་འཛིན་ Damon Wilson ཊ་མོན་ཝིལ་སོན་ལགས་ཀྱི་ལས་ཁུངས་སུ་མཇལ་འཕྲད་གནང་བ་མ་ཟད། ཁོང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་མཚན་བསྐྱོན་པའི་བོད་མིའི་མགྲིན་ཚབ་ཞེས་པའི་ཕྱག་དེབ་ཕུལ་ཡོད་པ་རེད་འདུག གནད་དོན་དེ་དང་འབྲེལ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ཐེངས་འདིའི་སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་ཀྱི་གནད་འགག་ཐོག་འགྲེལ་བརྗོད་གནང་བ་གོང་གི་སྒྲ་སྒམ་ནས་གསན་ཐུབ། […]
The post སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད། appeared first on vot.
11 episodes

All episodes
×Welcome to Player FM!
Player FM is scanning the web for high-quality podcasts for you to enjoy right now. It's the best podcast app and works on Android, iPhone, and the web. Signup to sync subscriptions across devices.