Go offline with the Player FM app!
ཨོ་གླིང་རྒྱལ་ཡོངས་ཆིག་སྒྲིལ་བུམ་པའི་རྩེད་འགྲན་དང་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་རིག་གཞུང་འདུ་འཛོམས་ཐེངས་གཉིས་པ།
Manage episode 478777093 series 119617
ཨོ་སྟྲེ་ལི་ཡའི་རྒྱལ་ཡོངས་ནས་ཕེབས་པའི་བོད་པའི་གཞོན་སྐྱེས་བརྒྱ་སྐོར་ཤིག་ཟླ་བ་འདིའི་ཕྱི་ཚེས་ ༡༧ ནས་ ༢༠ བར་ New South Wales མངའ་སྡེའི་ Nowra ནོ་རྭ་གྲོང་ཁྱེར་དུ་འདུ་འཛོམས་ཀྱིས་ཨོ་གླིང་ཆིག་སྒྲིལ་བུམ་པའི་རྩེད་འགྲན་ནང་མཉམ་བཞུགས་གནང་བ་མ་ཟད། སྐབས་དེར་ཨོ་གླིང་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་རིག་གཞུང་འདུ་འཛོམས་ཐེངས་གཉིས་པ་དེའང་འཚོགས་གནང་འདུག ཨོ་གླིང་རྒྱལ་ཡོངས་ཆིག་སྒྲིལ་བུམ་པའི་རྩེད་འགྲན་དེ་བཞིན་འགོ་འཛུགས་ཞུས་ཏེ་ད་ཆ་ལོ་ངོ་ ༡༣ འཁོར་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་འཁོད་པའི་གནས་ཚུལ་ལ་གཞིགས་ན། ནོ་རྭ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་ཐེངས་འདིའི་རྩེད་འགྲན་ནང་། ཨོ་སྟྲེ་ལི་ཡ་རྒྱལ་ཡོངས་ཀྱི་ས་ཁུལ་འདྲ་མིན་ནས་རུ་ཁག་ ༡༩ ཡིས་མཉམ་ཞུགས་གནང་ཡོད་པ་དང་། དེའི་ནང་བུའི་རུ་ཁག་ ༩ དང་བུད་མེད་རུ་ཁག་ ༣ ཡོད་ཅིང་། རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་མཁན་ནི་ New Castle ནིའུ་ཁ་སལ་རུ་ཁག་ཡིན་པ་དང་། Sydney སིཌ་ནི་ཆོལ་གསུམ་རུ་ཁག་དང་ New Castle ནིའུ་ཁ་སལ་གྱི་བུད་མེད་རུ་ཁག་གིས་སོ་སོའི་བུ་དང་བུད་མེད་ཀྱི་སིལ་སྤོལ་རྩེད་འགྲན་ལ་རྒྱལ་ཁ་ཐོབ་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་ནོར་རྭ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་ཁོང་གཉེར་ཚང་ཕུར་བུ་བཀྲ་ཤིས་ལགས་སུ་རྩེད་འགྲན་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། རྩེད་འགྲན་དེ་ལྟར་གོ་སྒྲིག་ཞུས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་རིགས་གཞོན་སྐྱེས་ཚོར་འབྲེལ་བ་གོང་སྤེལ་གཏོང་རྒྱུ་དང་། འབྲེལ་ལམ་བཟོ་རྒྱུ། དེ་བཞིན་རྩེད་མོ་དང་རིག་གཞུང་བརྒྱུད་ནས་བོད་མིའི་ངོ་བོ་མཉམ་སྤྱོད་བྱེད་རྒྱུ་བཅས་ལ་དམིགས་ཡོད་པ་མ་ཟད། རྩེད་འགྲན་དེའི་ཐོག་རྐང་རྩེད་སྤོ་ལོའི་རྩེད་འགྲན་དང་། སིལ་སྤོལ་རྩེད་འགྲན་བཅས་ཡོད་པ་གསུངས་སོང་། གཞན་ཡང་རྩེད་འགྲན་མཐའ་མ་དེ་འགོ་འཛུགས་མ་ཞུས་གོང་ཁུལ་དེའི་གཟའ་མཇུག་སློབ་གྲྭ་ཁག་ ༩ ཡིས་ནོ་རྭ་སྒྱུ་རྩལ་སློབ་གྲྭར་ཚོགས་པའི་རིག་གཞུང་འདུ་འཛོམས་ཐེངས་གཉིས་པར་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཡིན་ཞིང་། ཁོང་གིས་རིག་གཞུང་འདུ་འཛོམས་འདིའི་བརྒྱུད་སློབ་མ་རྣམས་ལ་སོ་སོའི་རྩལ་འདོན་པའི་སྡིངས་ཆ་གལ་ཆེན་ཞིག་བསྐྲུན་གྱི་འདུག་པར་འབྲེལ་ཡོད་ཕ་མ་དང་དགེ་རྒན་རྣམ་པར་ཐུགས་རྗེ་ཆེ་ཞུས་གནང་འདུག
The post ཨོ་གླིང་རྒྱལ་ཡོངས་ཆིག་སྒྲིལ་བུམ་པའི་རྩེད་འགྲན་དང་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་རིག་གཞུང་འདུ་འཛོམས་ཐེངས་གཉིས་པ། appeared first on vot.
12 episodes

All episodes
×Welcome to Player FM!
Player FM is scanning the web for high-quality podcasts for you to enjoy right now. It's the best podcast app and works on Android, iPhone, and the web. Signup to sync subscriptions across devices.