Go offline with the Player FM app!
བོད་ཀྱི་བུད་མེད་སྐོར་དུས་ཐུང་འགྲེམ་སྟོན་དབུ་འབྱེད།
Manage episode 479931571 series 119617
དེ་རིང་ཞོགས་པ་ཕྱག་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་འགྲེམ་སྟོན་ཁང་དུ་བོད་ཀྱི་བུད་མེད་སྐོར་དུས་ཐུང་འགྲེམ་སྟོན་ཞིག་དབུ་འབྱེད་གནང་སོང་། དེ་ཡང་དེ་རིང་ཕྱི་དྲིལ་བོད་ཀྱི་འགྲེམ་སྟོན་ཁང་དབུ་བརྙེས་ནས་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། བོད་ཀྱི་བུད་མེད་ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམ་སྟོན་ཞིག་དབུ་འབྱེད་གནང་སོང་བ་དང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་རྣམ་པ་དང་། མི་མང་བཅས་མཉམ་ཞུགས་གནང་ཐོག་ཕྱི་དྲིལ་བོད་ཀྱི་འགྲེམ་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། འགྲེམ་སྟོན་ཁང་དེ་བཞིན་ཕྱི་ལོ་ ༢༠༠༠ ལོར་དབུ་འཛུགས་གནང་པ་ནས་བཟུང་ད་བར་འཛམ་གླིང་སྤྱི་དང་རྒྱལ་ཁབ་བྲེ་བྲག་པ་སོ་སོའི་ནང་བོད་ཀྱི་འདས་མ་ད་གསུམ་གྱི་དངོས་ཡོད་གནས་སྟངས་ར་སྤྲོད་ཐུབ་ཆེད་དེང་དུས་དང་འཚམ་པའི་སྐོར་སྐྱོད་དང་དུས་ཐུང་འགྲེམ་སྟོན་ལ་སོགས་པའི་འགྲེམ་སྟོན་སྣ་ཚོགས་ཤིག་གོ་སྒྲིག་ཞུས་མུས་ཡིན་པ་འགྲེལ་བརྗོད་དང་སྦྲགས། ཐེངས་འདིའི་དུས་ཐུང་འགྲེམ་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་ནང་བྱམས་བརྩེ་དང་རྒྱལ་ཞེན། བློ་གྲོས་ཀྱི་ཕྱུག་པའི་བུད་མེད་རྣམས་ཀྱིས་མཛད་ཚུལ་ངོ་མཚར་ཅན་ཇི་སྙེད་ཅིག་འཇོག་གནང་ཡོད་པའི་ཁྲོད་ནས་ཕྱི་ལོ་ ༡༩༥༡ ནས་ ༢༠༢༤ བར་གྱི་ནང་བྱས་པ་ཆེ་བའི་སྐུ་གཤེགས་བོད་ཀྱི་བུད་མེད་འགའ་ཚབ་མཚོན་དུ་བརྗོད་དེ་བོད་ཀྱི་རྒྱལ་སྲུང་གཡུལ་འགྱེད་དང་རང་བཙན་འཐབ་རྩོད། ཆབ་སྲིད་དང་ཆོས་ལུགས། རིག་གཞུང་དང་སྒྱུ་རྩལ་བཅས་ལ་མཛད་རྗེས་ཆེ་བའི་བོད་ཀྱི་བུད་མེད་རྣམས་ལ་ཆེ་མཐོང་རྗེས་དྲན་དང་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བུད་མེད་སྒེར་ལངས་ཀྱི་མནའ་གན་ལས་འཕྲོས་ཏེ་འཐབ་རྩོད་ཀྱི་རྒྱུན། ལྷག་དོན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁྲིམས་དང་ལམ་སྲོལ་གཉིས་ཐད་ནས་བོད་ཀྱི་བེུད་མེད་ཀྱི་གནས་བབ་དང་ཐོབ་ཐང་ལ་གཟིགས་སྐྱོང་ལེགས་བསྒྱུར་ཇི་ཚད་རགས་བསྡུས་ངོ་སྤྲོད་ཞུ་ཆེད་ཡིན་པ་གསུངས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས། ཁོང་རང་ཉིད་བོད་མི་དང་དེའི་ནང་ནས་བོད་པའི་བུད་མེད་གཅིག་ཡིན་པའི་འདུ་ཤེས་བཟུང་བའི་ཐོག་ནས་ད་བར་བཙན་བྱོལ་ནང་བཞུགས་པའི་རིང་གི་མི་ཚེ་དེ་ཆུད་ཟོས་སུ་བཏང་མེད་སྙམ་པའི་ཚོར་བ་དགའ་སྣང་ཞིག་ཡོང་གི་ཡོད་པ་འགྲེལ་བརྗོད་དང་སྦྲགས། བོད་པའི་གཞོན་སྐྱེས་ཚོའི་ངོས་ནས་བོད་ནང་གི་དཔའ་མཛངས་སྙིང་སྟོབས་ལྡན་པའི་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་རླབས་ཆེན་བྱས་རྗེས་དག་ལས་དམིགས་དཔེ་བླངས་ཏེ་དེ་དག་དྲན་པ་ཙམ་མིན་པར་ཁོང་རྣམས་ཀྱི་རེ་བ་བསྒྲུབས་རྒྱུར་ཧུར་ཐག་གནང་དགོས་པའི་འབོད་སྐུལ་གནང་སོང་བ་དང་ཆབས་ཅིག བུད་མེད་རྣམས་ལ་དམིགས་བསལ་གྱི་ནུས་པ་ཆེན་པོ་ལྡན་ཡོད་པར་ཡིད་ཆེས་གནང་ཐོག་ཆིག་སྒྲིལ་ངང་མདུན་བསྐྱོད་གནང་ཚེ་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བའི་ཡིད་ཆེས་ཡོད་ཅེས་གསུངས་སོང་། དེ་བཞིན་མཛད་སྒོའི་ཐོག་ཕེབས་པའི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གལ་གནད་དང་ད་ཆ་དེའི་ནང་དོན་དང་བཀོལ་པ་ཁག་རྒྱལ་སྤྱིའི་འགྲེམ་སྟོན་ཁང་ཁག་གི་གནས་ཚད་དང་མཐུན་པ་བཟོས་ཐུབ་པ་མ་ཟད། འགྲེམ་སྟོན་གྱི་ལམ་ནས་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་མཚོན་ཐབས་གནང་བཞིན་ཡོད་པ་ངོ་སྤྲོད་གནང་སྟེ། ད་རེས་ཀྱི་དུས་ཐུང་འགྲེམ་སྟོན་ནང་བྱས་རྗེས་ཅན་གྱི་བོད་ཀྱི་བུད་མེད་འགའ་ཞིག་གི་པར་རིས་སྒྲིག་གཤོམ་གནང་དགོས་དོན་ནི། བོད་འདི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་བཟུང་བྱས་པའི་རྗེས་སུ་འཐབ་རྩོད་ཀྱི་བརྒྱུད་རིམ་དང་བཙན་བྱོལ་ལ་གྱར་སྐབས། དེ་བཞིན་བཙན་བྱོལ་ནང་ཐོག་མ་འཛུགས་སྐྲུན་གནང་སྐབས། བོད་ཀྱི་བུད་མེད་རྣམ་པ་ཚོས་སྤྱི་ཚོགས་ཀྱི་ཆ་ཤས་བཞེས་པའི་ཐོག་ནས་སྐུ་ངལ་མཛེམས་མེད་བསྐྱོན་ཡོད་པ་ལུང་འདྲེན་དང་སྦྲགས། མདོར་ན་ལོ་རྒྱུས་ཁྲོད་བོད་ཀྱི་བུད་མེད་རྣམས་ཀྱིས་རང་བཙན་འཐབ་རྩོད་དང་ཆབ་སྲིད། ཆོས་ལུགས་དང་རིག་གཞུང་། སྒྱུ་རྩལ་བཅས་གང་སྤྱིའི་ཐད་ལ་སྤྱི་ཚོགས་གཞན་དང་མི་འདྲ་བར་མཛད་རྗེས་རླབས་ཆེན་བཞག་པ་གྲངས་ལས་འདས་པ་ཡོད་ཅེས་གསུངས་སོང་བ་མ་ཟད། ཐེངས་འདིའི་དུས་ཐུང་འགྲེམ་སྟོན་ནང་ཕྱི་ལོ་ ༡༩༥༡ ནས་ད་བར་དུ་བྱས་པ་ཆེ་བའི་སྐུ་གཤེགས་བོད་ཀྱི་བུད་མེད་འགའ་ཞིག་མཚོན་འདོན་གནང་ཡོད་པ་དང་དེའི་ཁོངས་སུ་སྐུ་ཚེ་བོད་དོན་འཐབ་རྩོད་ཆེད་ལེགས་སྐྱེས་སུ་ཕུལ་བའི་གཞིས་བྱེས་རྒྱལ་གཅེས་བུད་མེད་ཀྱི་ཚབ་མཚོན་དང་སྐུ་ཚེ་བོད་ཀྱི་བཙན་རྒོལ་རྒྱལ་སྲུང་ལ་ཕུལ་བའི་དཔའ་མོ། སྐུ་ཚེ་བོད་ཀྱི་ཤེས་ཡོན་དང་སྲི་ཞུ། བོད་དོན་ལས་འགུལ་བཅས་ལ་ཕུལ་བའི་བུད་མེད། དེ་བཞིན་སྐུ་ཚེ་བོད་ཀྱི་ཆོས་རིག་དང་སྒྱུ་རྩལ་ཐོག་ཕུལ་བའི་བུད་མེད་དང་ལྷག་དོན་བྱམས་བརྩེ་ལྡན་པའི་བོད་ཀྱི་སྐྱེས་མ་རྒྱལ་ཡུམ་ཆེན་མོ་བདེ་སྐྱེད་ཚེ་རིང་མཆོག་གི་ལོ་རྒྱུས་པར་རིས་དང་བཅས་པ་སྒྲིག་གཤོམ་གནང་འདུག རྩ་བའི་ཐེངས་འདིའི་དུས་ཐུང་འགྲེམས་སྟོན་དེ་བཞིན་དེ་རིང་ཕྱི་ཟླ་ ༤ ཚེས་ ༣༠ ནས་ཁྱོན་ཟླ་བ་གཉིས་རིང་གནང་གི་ཡོད་པ་དང་། ཉིན་རྒྱབ་ཕྱག་ཚོད་ ༢ དང་ ༤ བཅས་སུ་བོད་ཀྱི་བུད་མེད་དང་འབྲེལ་བའི་གློག་བརྙན་གཉིས་གཟིགས་འབུལ་ཞུས་པ་མ་ཟད། […]
The post བོད་ཀྱི་བུད་མེད་སྐོར་དུས་ཐུང་འགྲེམ་སྟོན་དབུ་འབྱེད། appeared first on vot.
11 episodes

All episodes
×Welcome to Player FM!
Player FM is scanning the web for high-quality podcasts for you to enjoy right now. It's the best podcast app and works on Android, iPhone, and the web. Signup to sync subscriptions across devices.