Search a title or topic

Over 20 million podcasts, powered by 

Player FM logo
Artwork

Content provided by Voice of Tibet. All podcast content including episodes, graphics, and podcast descriptions are uploaded and provided directly by Voice of Tibet or their podcast platform partner. If you believe someone is using your copyrighted work without your permission, you can follow the process outlined here https://staging.podcastplayer.com/legal.
Player FM - Podcast App
Go offline with the Player FM app!

སྲིད་སྐྱོང་མཆོག་གིས་ཨ་རིའི་རོགས་དངུལ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཇི་དགེའི་སྐོར་གླེང་སློང་གནང་འདུག

Share
 
Manage episode 480119610 series 119617
Content provided by Voice of Tibet. All podcast content including episodes, graphics, and podcast descriptions are uploaded and provided directly by Voice of Tibet or their podcast platform partner. If you believe someone is using your copyrighted work without your permission, you can follow the process outlined here https://staging.podcastplayer.com/legal.

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདི་ཚེས་ ༢༨ ནས་ཨ་རིའི་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་འགོ་འཛུགས་གནང་སྟེ། ཨ་རིའི་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་མཇལ་འཕྲད་ཞུས་དང་ཞུ་བཞིན་ཡོད་པའི་ཁྲོད། གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གསར་རྙིང་དང་ཐུག་འཕྲད་བརྒྱུད་ཨ་རིས་རོགས་དངུལ་ཉུང་འཕྲི་ཡིས་བོད་མིའི་སྲ་བརྟན་ལས་གཞིར་ཤུགས་རྐྱེན་ཇི་ཐེབས་གླེང་སློང་ཐོག བོད་ཀྱི་གནད་དོན་ལ་ཨ་རིའི་རྒྱབ་སྐྱོར་མུ་མཐུད་གནང་རིན་ཡོད་པ་ནན་བརྗོད་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཇི་དགེ་སྐོར་གླེང་སློང་གནང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཁ་ཉིན་སྟེ། ཕྱི་ཟླ་ ༤ ཚེས་ ༢༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་བཅས་ནས་ཨ་རིའི་གྲོས་ཚོགས་ཁང་པ་ Rayburn House ནང་དུ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Brian Mast བྷེརེན་མཱསཏ་མཆོག་དང་ཐུག་འཕྲད་ཀྱིས། བོད་འབྲེལ་སྲིད་བྱུས་ཐད་ཨ་རིའི་གྲོས་ཚོགས་ཀྱི་གནང་སྒོའི་ནུས་པ་ཇེ་ཤུགས་ཆེ་རུ་གཏོང་ཐབས་དང་ཆབ་སྲིད་ཚོགས་པ་གཉིས་ཀའི་རྒྱབ་སྐྱོར་སྔར་ལྷག་ཡོངས་ཐབས་སྐོར་གྲོས་བསྡུར་གནང་འདུག་ཅིང་། ལྷག་པར་ཉེ་ལམ་ཨ་རིས་རོགས་དངུལ་གཅོག་འཕྲི་བྱས་པའི་བརྒྱུད་ནས་བོད་མིའི་སྲ་བརྟན་གྱི་ལས་གཞིར་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་སྐོར་སྙན་སེང་ཞུས་པ་མ་ཟད། ལས་གཞི་དེ་དག་གི་ཐོག་ནས་གྲུབ་འབྲས་ཇི་བྱུང་དང་། བོད་ཀྱི་ Soft Power འམ་འཇམ་པོའི་ནུས་པའི་མཐུན་འགྱུར་ལ་གཞིགས་ན། ཨ་རིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རིན་ཆོག་པ་ཞིག་ཡིན་པ་ནན་བརྗོད་གནང་འདུག ད་དུང་སྐབས་དེར་རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པའི་ཛ་དྲག་གནས་སྟངས་སྙན་སེང་ཐོག བོད་མཐོ་སྒང་གི་ས་བབ་འཐབ་བྱུས་གལ་གནད་བཅས་ངོ་སྤྲོད་གནང་སྟེ། མཐར་ཚོགས་ཆུང་གི་ཚོགས་གཙོ་མཆོག་ལ་སླེབས་ལ་ཉེ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གོ་སྟོན་མཛད་སྒོར་གཞུང་འབྲེལ་མགྲོན་འབོད་ཀྱིས་༸རྒྱལ་བ་དོན་གྱི་བདག་པོས་མཛད་པའི་བོད་མིའི་མགྲིན་ཚབ་ Voice for the Voiceless ཕྱག་དེབ་ལ་མགོན་པོ་༸གང་ཉིད་མཆོག་གིས་ཕྱག་མཚན་སྩལ་བ་ཞིག་འབུལ་བཞེས་གནང་འདུག ཕྱོགས་མཚུངས་སྲིད་སྐྱོང་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Brain Mast མཆོག་དང་ཐུག་འཕྲད་མ་གནང་གོང་དུ་གྲོས་ཚོགས་ཁང་པ་དེ་ཉིད་ཀྱི་ནང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཚོགས་ཆུང་དེ་ཉིད་ཀྱི་ཚོགས་གཙོ་ཟུར་པ་ Michael McCaul མ་ཧི་ཀཱལ་མེ་ཀོལ་མཆོག་དང་ཐུག་འཕྲད་ཀྱིས། ཉེ་སྔོན་སྲིད་སྐྱོང་མཆོག་དང་ཨ་རིའི་ཕྱི་སྲིད་བློན་ཆེན་ Marco Rubio མཱར་ཁོ་རུ་བི་ཡོ་མཆོག་གི་བར་འབྲེལ་བ་བྱུང་བའི་ཕྱག་བྲིས་ངོ་བཤུས་ཆེད་སྟོན་ཐོག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་སྒྲོམ་གཞི་སྤྱི་ཡོངས་གི་གནས་བབ་ངོ་སྤྲོད་དང་། ལྷག་པར་ཨ་རི་ནས་རོགས་དངུལ་ཇི་སྙད་ཐོབ་ཀྱི་ཡོད་པ་གསལ་འདོན་གནང་འདུག ལྷག་པར་འགྱུར་བ་འགྲོ་བཞིན་པའི་ས་བབ་ཆབ་སྲིད་ཀྱི་འབྲེལ་བ་ལ་གཞིགས་ཏེ། བོད་དོན་ཐོག་རྒྱུན་མཐུད་ཅིང་སྒྲིམ་གཞི་ལྡན་པའི་རྒྱབ་སྐྱོར་དགོས་གལ་ཆེ་བ་ཡོད་སྐོར་ནན་བརྗོད་གནང་འདུག མ་ཟད་སྐབས་དེར་གནད་དོན་གླེང་སློང་གཙོ་བོ་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཇི་དགེ་སྐོར་ཡིན་ཞིང་། དེ་ཡང་སྲིད་སྐྱོང་མཆོག་གིས་གོ་གནས་དེ་འཐབ་བྱུས་རང་བཞིན་ལྡན་པར་གལ་ཆེ་ཚུལ་སྐོར་གསུངས་པ་དང་ཆབས་ཅིག ད་ལྟའི་གཞུང་འཛིན་གསར་པའི་སྒྲོམ་གཞི་འོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཐད་ཀར་ཁྱབ་ཁོངས་སུ་འཇོག་གནང་ཡོང་བའི་ཞུ་སྐུལ་གནང་འདུག […]

The post སྲིད་སྐྱོང་མཆོག་གིས་ཨ་རིའི་རོགས་དངུལ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཇི་དགེའི་སྐོར་གླེང་སློང་གནང་འདུག appeared first on vot.

  continue reading

9 episodes

Artwork
iconShare
 
All episodes

×
 
Loading …

Welcome to Player FM!

Player FM is scanning the web for high-quality podcasts for you to enjoy right now. It's the best podcast app and works on Android, iPhone, and the web. Signup to sync subscriptions across devices.

Listen to this show while you explore
Play